【聚焦两会】黄南州人民检察院工作报告名词解释来啦!(藏文)
བྱང་བུ་གཉིས་ནི་ཁ་པར་བྱང་བུ་དང་དངུལ་བྱང་ལ་ཟེར། བྱང་བུ་འགོག་པའི་བྱ་འགུལ་ཁྲོད་ཁ་པར་བྱང་བུ་དང་འབྲེལ་དྲའི་བྱང་བུ། མི་སྒེར་གྱི་དངུལ་ཁང་བྱང་བུ། ལས་ཁུངས་ཀྱི་རྩིས་ཐོ། བསྡོམས་རྩིས་བྱང་བུ། གཏོང་སྤྲོད་རྩིས་ཐོ་སོགས་ཚང་མ་བྱང་བུ་གཉིས་ཀྱི་ཁྱབ་ཁོངས་ཡིན།
ལྟ་ཞིབ་དང་ཞིབ་དཔྱོད་འབྲེལ་མཐུད་ལམ་སྲོལ།
ཏང་གིས་རུལ་སུངས་ལ་རྒོལ་བའི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་པའི་ཆེད་དུ། གོམ་གང་མདུན་སྤོས་ཀྱིས་ལྟ་ཞིབ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་གནས་ཉེས་གསོག་གི་གྱོད་གཞི་ལས་སྒྲུབ་བྱེད་པའི་ཁྲོད་ཕན་ཚུན་བར་གཞོགས་འདེགས་དང་ཕན་ཚུན་བར་ཚོད་འཛིན་བྱེད་པར་སྐུད་འདེད་གཏོང་བ་དང་། ལས་གནས་ཉེས་གསོག་གི་གྱོད་གཞི་སྤུས་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། ལྟ་ཞིབ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་བདག་ཁོངས་དང་བདེན་དཔང་། ཉར་འཇོག་དང་ཉེས་དོན་བཙན་ཤུགས་བྱེད་ཐབས། ཞུ་གཏུག་སྐྱེལ་སྤྲོད། ཞིབ་བཤེར་ཞུ་གཏུག ལྟ་ཞིབ་ལས་ཁུངས་ཀྱིས་བཏོན་པའི་ཆད་གཅོད་ཡང་མོའི་བསམ་འཆར། གྱོད་འབྲེལ་རྒྱུ་ནོར་སོགས་གྱོད་གཞི་ལས་སྒྲུབ་ཀྱི་ཕྱོགས་སོ་སོ་དང་རིམ་པ་སོ་སོའི་བར་བཙུགས་པའི་བྱ་བའི་འབྲེལ་མཐུད་ལམ་སྲོལ་ཡིན།
མྱུལ་ཞིབ་ལས་ཁུངས་ཀྱིས་རེ་ཞུ་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་དགོས་བ་ཡོད་པར་འདོད་དུས། ཞིབ་དཔྱོད་ལས་ཁུངས་ཀྱིས་མི་སྣ་མངག་སྟེ་དུས་བསྟུན་སྒོས་མྱུལ་ཞིབ་བྱེད་སྒོར་ཞུགས་པ་དང་། གྱོད་གཞིའི་ངོ་བོ་དང་བདེན་དཔང་བསྡུ་ལེན། བཅའ་ཁྲིམས་བཀོལ་སྤྱོད་སོགས་ལ་བསམ་འཆར་འདོན་པ་མ་ཟད། མྱུལ་ཞིབ་བྱ་འགུལ་ལ་བཅའ་ཁྲིམས་ལྟ་སྐུལ་བྱེད་པའི་བྱ་བའི་ལམ་སྲོལ་ཡིན། ལྟ་ཞིབ་ལས་ཁུངས་ཀྱི་རེ་ཞུ་ལྟར། ཞིབ་དཔྱོད་ལས་ཁུངས་ཀྱིས་མི་སྣ་མངག་སྟེ་ལྟ་ཞིབ་ལས་ཁུངས་ཀྱིས་ལས་སྒྲུབ་བྱས་པའི་ལས་གནས་ཉེས་གསོག་གི་གྱོད་གཞིར་དུས་སྔོན་དུ་ལས་ཞུགས་བྱས་ཆོག
རྒྱལ་ཁབ་ལས་བྱེད་མི་སྣའམ་འབྲེལ་ཡོད་མི་སྣས་རྒྱལ་ཁབ་ལས་བྱེད་མི་སྣའི་གོ་གནས་སྟབས་བདེ་སྤྱད་དེ། ལྐོག་རྔན་ཟ་བ་དང་ལྐོག་རྔན་སྤྲོད་པ། འགན་དབང་གང་དགར་སྤྱོད་པ། ལས་འགན་སྣང་མེད་འཇོག་པ་སོགས་གཞུང་གི་དབང་ཆའི་སྤྱོད་གཙང་རང་བཞིན་ལ་གནོད་སྐྱེལ་བ་དང་། ཡང་ན་སྤྱི་པའི་རྒྱུ་ནོར་དང་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་ཐེབས་པའི་ཉེས་གསོག་བྱ་འགུལ་ཡིན།
ཐེངས་དང་པོར་ཞིབ་དཔྱོད་ལས་ཁུངས་ལ་དག་ཞུ་བྱས་པའི་ཉེས་དོན་དག་ཞུ་གྱོད་གཞི་དང་། ཞིབ་དཔྱོད་ལས་ཁུངས་སྐྱིན་ཚབ་འོས་འགན་ལས་ཁུངས་ཡིན་པའི་རྒྱལ་ཁབ་སྐྱིན་ཚབ་གྱོད་གཞི། གྱོད་འགོད་ལྟ་སྐུལ་གྱོད་གཞི་བཅས་ཡིན།
ཆ་རྐྱེན་ཟུར་བཀོད་ཀྱི་ཞུ་གཏུག་མི་བྱེད་པ།
མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་གི་དུས་རིམ་ཁྲོད། ཆ་རྐྱེན་ངེས་ཅན་དང་འཚམ་པའི་ནར་མ་སོན་པའི་དོགས་ཡོད་ཉེས་ཅན་ལ་ཉམས་ཚོད་ལེན་པའི་དུས་ཡུན་ངེས་ཅན་ཞིག་གཏན་ཁེལ་བྱས་ཏེ་ལྟ་སྐུལ་རྟོག་ཞིབ་བྱེད་པ་ཡིན། གལ་ཏེ་ཉམས་ཚོད་ལེན་པའི་དུས་ཡུན་ནང་འབྲེལ་ཡོད་གཏན་འཁེལ་བརྩི་སྲུང་བྱེད་པ་ལ་དུས་ཡུན་འགོར་རྗེས་ཞུ་གཏུག་མི་བྱེད་པའི་ཐག་གཅོད་བྱེད་པ་ཡིན། གལ་ཏེ་ཁྲིམས་བཀོད་ཀྱི་གནས་ཚུལ་དང་འགལ་ན་ཆ་རྐྱེན་ཟུར་བཀོད་ཀྱི་ཞུ་གཏུག་མི་བྱེད་པ་ཕྱིར་འཐེན་བྱས་ཏེ། ཁྲིམས་ལྟར་གཞུང་གཏུག་བྱེད་པའི་གཏུག་བཤེར་ཐག་གཅོད་ཀྱི་རྣམ་པ་ལ་ཟེར། འཛིན་བཟུང་དང་ཞུ་གཏུག་མི་བྱེད་པའི་སློབ་རོགས།
མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་དོན་གཏུག་བཤེར་བརྒྱུད་རིམ་ཁྲོད། ཁྲིམས་ལྟར་འཛིན་བཟུང་ཆོག་མཆན་མ་བཀོད་བ་དང་ཞུ་གཏུག་མི་བྱེད་པར་ཐག་བཅད་པའི་གྱོད་འབྲེལ་མི་སྣ་ལ་རྗེས་འདེད་དང་སློབ་གསོ། ཡོ་བསྲང་གི་ལམ་སྲོལ་བཙུགས་ཏེ་ཁོ་བོ་ལ་ནོར་འཁྲུལ་ཡོ་བསྲང་དང་སྤྱི་ཚོགས་སུ་ཞུགས་པར་རོགས་རམ་བྱེད་པའི་ཁྲིམས་འཛིན་རྒྱུན་བསྲིང་གི་བྱ་བ་ཞིག་ཡིན།
དམངས་དོན་ཞུ་གཏུག་རྒྱབ་སྐྱོར།
དམངས་དོན་ཁེ་དབང་ལ་གནོད་འཚེ་ཐེབས་པའི་དོ་བདག་གིས་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས་སོགས་བརྒྱུད་དེ་ཁྲིམས་ལྟར་འགན་སྒྲུབ་བྱས་རྗེས་ཁྲིམས་མཐུན་ཁེ་དབང་ལ་སྔར་བཞིན་སྲུང་སྐྱོང་མ་ཐོབ་དང་། དོ་བདག་ལ་ཁེ་དབང་སྲུང་བའི་འདུན་པ་ཡོད་མོད། གཏུག་བཤེར་ནུས་པ་ཞན་སྟབས་གཏུག་བཤེར་ལ་དཀའ་ཁག་ཡོད་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་གཏུག་བཤེར་བྱེད་མི་ཕོད་པ་ལ་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་རྒྱབ་སྐྱོར་བྱས་ཆོག
གྱོད་གཞི་གལ་ཆེན་མྱུལ་ཞིབ་མཇུག་སྒྲིལ་སྔོན་ཉེས་འདྲི་ཁྲིམས་མཐུན་རང་བཞིན་ཞིབ་བཤེར།
ཕལ་ཆེར་ཚེ་བཙོན་དང་སྲོག་ཁྲིམས་གཅོད་སྲིད་པའི་གྱོད་གཞི་དང་ཡང་ན་གྱོད་གཞི་གལ་ཆེན་གཞན་ལ། མི་དམངས་ཞིབ་དཔྱོད་ཁང་གིས་མྱུལ་ཞིབ་མཇུག་སྒྲིལ་སྔོན་ལ་ཉེས་འདྲི་བྱས་པ་ཁྲིམས་མཐུན་ཡིན་མིན་ལ་ཞིབ་བཤེར་བྱེད་པ་ལ་ཟེར།
སྲིད་གཞུང་དང་ཞིབ་དཔྱོད་མཉམ་སྐུལ་གྱི་བྱ་བའི་ལམ་སྲོལ།
མི་དམངས་སྲིད་གཞུང་དང་ཞིབ་དཔྱོད་ལས་ཁུངས་ཀྱི་བར་ལ་བྱ་བའི་ལམ་སྲོལ་བཟོས་ཏེ། ཁྲིམས་བསྟར་ཁྲིམས་འཛིན་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་ཚོད་འཛིན་བྱེད་པ་དང་། ཐུན་མོང་ཐོག་ཁྲིམས་སྐྱོང་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ལམ་སྲོལ་ཞིག་ཡིན། 2026ལོའི་ཟླ7པར། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་དང་རྨ་ལྷོ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས《སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ་བྱེད་པའི་བྱ་བའི་ལམ་སྲོལ་གྱི་ལག་བསྟར་ཇུས་གཞི》ལ་མཉམ་དུ་མིང་རྟགས་བཀོད་ལ། བདེ་འཇགས་འཛུགས་སྐྲུན་དང་ཚོང་གཉེར་ཁོར་ཡུག སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་སོགས་གནད་འཁེལ་ཁྱབ་ཁོངས་ལ་དམིགས་ཏེ། སྲིད་འཛིན་ཁྲིམས་བསྟར་དང་ཞིབ་དཔྱོད་ལྟ་སྐུལ་འབྲེལ་མཐུད་གཞོགས་འདེགས་དང་རོགས་ལས་ལྟ་སྐུལ་ཀྱི་ནང་དོན་དང་རྣམ་པ་གསལ་བོ་བཏང་བ་དང་། ཁྲིམས་ལྟར་སྲིད་འཛིན་དང་འདྲ་མཉམ་ཁྲིམས་འཛིན་ཐད་ནུས་ཤུགས་མཉམ་འདོན་བྱེད་པར་སྐུལ་འདེད་གཏོང་བ་ཡིན།
སྲིད་འཛིན་དང་ཉེས་དོན་ལྡོག་འདྲེན་འབྲེལ་མཐུད།
མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་མི་བྱེད་པའི་གྱོད་གཞི་ལ། ཞིབ་བཤེར་བྱས་པ་བརྒྱུད་སྲིད་འཛིན་ཆད་གཅོད་བྱེད་དགོས་པ་ལ་དུས་ཐོག་ཏུ་ཞིབ་དཔྱོད་བསམ་འཆར་བཏོན་ཏེ་སྲིད་འཛིན་ལས་ཁུངས་ལ་སྐྱེལ་དགོས་པ་མ་ཟད། གྱོད་གཞི་ཐག་གཅོད་བྱས་པའི་གནས་ཚུལ་ལ་རྗེས་འདེད་ལྟ་སྐུལ་བྱེད་པ་ལ་ཟེར།
གཞི་གྲངས་ཆེན་པོའི་བཅའ་ཁྲིམས་ལྟ་སྐུལ་དཔེ་དབྱིབས།
ཞིབ་དཔྱོད་མི་སྣས་གྱོད་གཞི་གཅིག་སྒྲུབ་པའམ་རྒྱུན་ལྡན་མིན་པའི་གཞི་གྲངས་ཁྲོད་ཆོས་ཉིད་ཡོད་པ་དང་ཐུན་མོང་གི་རང་བཞིན་ཡོད་པའི་གནད་དོན་འཚོལ་བ་དང་། དེའི་ཁྱད་ཆོས་སྤྱི་བསྡོམས་ཕྱོགས་བསྡུས་བྱས་ཏེ། འཕྲུལ་ཆས་ཀྱིས་ངོས་འཛིན་ཐུབ་པའི་སྐད་རིགས་དང་བརྩི་སྟངས་ལ་བསྒྱུར་བ་མ་ཟད། གཞི་གྲངས་སྣ་མང་ཁྲོད་གྱོད་གཞི་རིགས་གཅིག་གི་ལྟ་སྐུལ་ཁུངས་སྣེ་སྔོག་འདོན་བྱེད་པའི་རྣམ་པ་ཡིན།
མི་དམངས་ཞིབ་དཔྱོད་ཁང་གིས་ཆ་རྐྱེན་དང་མཐུན་པའི་གྱོད་གཞི་ལ་དཔང་ཉན་ཚོགས་འདུ་བསྡུས་ཏེ། དོན་དངོས་ངོན་འཛིན་དང་བཅའ་ཁྲིམས་བཀོལ་སྤྱོད། གྱོད་གཞི་ཐག་གཅོད་སོགས་ཀྱི་གནད་དོན་ལ་དཔང་ཉན་མི་སྣ་དང་དོ་བདག དེ་མིན་མི་སྣ་གཞན་དག་གི་བསམ་འཆར་ལ་ཉན་པའི་གྱོད་གཞི་ཞིབ་བཤེར་བྱེད་སྟངས་ཤིག་ཡིན།
བཅའ་ཁྲིམས་ལྟ་སྐུལ་ལས་དོན་གྱོད་གཞི་ཅན་དུ་ལས་སྒྲུབ་དང་དོ་དམ།
བཅའ་ཁྲིམས་ལྟ་སྐུལ་གྱི་ལས་དོན་དག་རང་ཚུགས་ཀྱི་གྱོད་གཞི་རུ་བརྩིས་ནས། གོ་རིམ་དང་ཚད་གཞི་ངེས་ཅན་གྱི་སྒོ་ནས་ཚད་ལྡན་དུ་སྒྲུབ་པའི་བྱ་བའི་རྣམ་པ་ཡིན།
ཞིབ་དཔྱོད་མི་སྣས་གྱོད་སྒྲུབ་ཁྲོད་ཤེས་རྟོགས་བྱུང་བའི་ལྟ་སྐུལ་བྱས་ཆོག་པའི་ཁུངས་སྣེ་དེ་འགན་དབང་ཁྱབ་ཁོངས་ནང་ལྟ་སྐུལ་བྱེད་པར་བསྲིང་དགོས་པ་དང་།ཞབས་ཞུ་བྱ་ཡུལ་ལ་ཕྱོགས་བསྡུས་སྒོས་ཞིབ་དཔྱོད་འགན་ནུས་སྣ་ཚོགས་ཀྱིས་ཞབས་ཞུ་བྱེད་པར་བསྲིང་དགོས།དུས་མཚུངས་སུ་ཞིབ་དཔྱོད་ལས་ཁུངས་ནང་ཁུལ་གྱི་ལྟ་སྐུལ་ཚོད་འཛིན་དེ་རང་འགུལ་གྱིས་རང་བརྟག་བྱེད་པར་བསྲིང་སྟེ། སྤུས་འབྲས་མཐོ་བའི་སྒོ་ནས་གྱོད་གཞི་རེ་རེ་ལེགས་པོ་བསྒྲུབ་རྒྱུར་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་དགོས་པ་ལ་ཟེར།
ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་སྒྲུབ་པའི་གོ་རིམ་ཁྲོད་བརྩི་སྲུང་བྱེད་དགོས་པའི་བསམ་གཞིགས་བྱ་ཐབས་དང་ལས་ཀའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཏེ། རྙོག་འཛིང་ཆེ་བའི་བཅའ་ཁྲིམས་ཀྱི་དོན་དངོས་ཁྲོད་བཅའ་ཁྲིམས་ཀྱི་འབྲེལ་བ་གཙོ་བོ་འཚོལ་མཁས་པ་དང་གཅིག བཅའ་ཁྲིམས་ཀྱི་ཞིབ་ཕྲའི་དོན་ཚན་ཁྲོད་ནས་ཁྲིམས་སྐྱོང་གི་སྙིང་སྟོབས་ལ་གོ་བ་གཏིང་ཟབ་ལེན་མཁས་པ་དང་གཉིས།བཅའ་ཁྲིམས་དང་གནས་ལུགས་གཅིག་གྱུར་བྱེད་པའི་ཁྲོད་དྲང་གཞག་དྲང་བདེན་མངོན་འགྱུར་བྱེད་མཁས་པ་དང་གསུམ། དེའི་དམིགས་ཡུལ་ནི་སྤུས་ཚད་མཐོ་བའི་སྒོ་ནས་གྱོད་གཞི་རེ་རེ་ལེགས་པོ་བསྒྲུབ་ཏེ་འདྲ་མཉམ་དྲང་གཞག་ཡོང་བ་བྱ་རྒྱུ་དེ་ཡིན།
ལས་སྒོ་དོ་དམ་དང་གྱོད་གཞི་དོ་དམ། སྤུས་ཚད་དོ་དམ་བཅས་ཚན་རིག་དང་མཐུན་པའི་དོ་དམ་བྱེད་ཐབས་ལ་བརྟེན་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་གྱོད་གཞི་རེ་རེ་སྒྲུབ་ཐུབ་པར་འགན་ལེན་བྱ་དགོས་པ་མ་ཟད།མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་འདྲ་མཉམ་དྲང་གཞག་ཚོར་དུ་འཇུག་པར་ཟེར།
སྲིད་འཛིན་རྩོད་གཞི་དོན་དངོས་ཅན་གྱིས་སེལ་བ།
སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི་སྒྲུབ་པར་ཕྱོགས་ཡོངས་ནས་སྲིད་འཛིན་གཏུག་བཤེར་གྱིས་གཏན་ཁེལ་བྱས་པའི་ཁྲིམས་འཛུགས་དམིགས་ཡུལ་ལག་བསྟར་བྱས་ཏེ། མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་དྲང་གཞག་དང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་འཛིན་ལ་ལྟ་སྐུལ་བྱེད་པའི་དུས་མཚུངས་སུ། རྒོལ་གཏུག་དང་ཞིབ་དཔྱོད་གྲོས་འཆར། ཡོངས་བསྒྲགས་དཔང་ཉན། ཁྲིམས་འཛིན་རོགས་སྐྱོར། ཁྲིམས་འགྲེལ་ལུགས་བཤད་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་སྲིད་འཛིན་རྩོད་གཞི་ཁྲིམས་ལྟར་དྲང་བདེན་སྒོས་སེལ་བ་ལ་ཟེར།