向人民报告,请人民审阅!吉隆县人民法院五年工作报告(藏汉双语版)
- 2026-10-18 12:09:08


法院工作报告
ཁྲིམས་ཁང་གི་ལས་དོན་སྙན་ཞུ།

★★★
2026年7月4日,吉隆县人民法院院长尼次向十五届县人大第一次会议第二次全体会议作法院工作报告
2026ལོའི་ཟླ་བ་7ཚེས་4ཉིན་སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གིས་ཡོན་ཀྲང་ཉི་ཚེ་ནས་སྐབས་བཅོ་ལྔ་པའི་རྫོང་མི་དམངས་འཐུས་འཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གནང་བ།


五年累计受理各类案件1578件,审结1560件,结案标的总额6800万余元,各项核心办案指标全部达标。
ལོ་ལྔའི་རིང་རིམ་རྩིས་བྱས་ན་རིགས་ཁག་གི་གྱོད་གཞི་1578འདྲི་ཞིབ་བྱས་པ་དང་། གྱོད་གཞི་1560འདྲི་ཞིབ་མཇུག་སྒྲིལ་ཟིན་པ། འདྲི་ཞིབ་མཇུག་སྒྲིལ་བྱས་པའི་དམིགས་ཚད་བསྡོམས་འབོར་སྒོར་ཁྲི་6800ལྷག་ཙམ་ཟིན་པ། ལྟེ་བའི་གྱོད་གཞི་འདྲི་གཅོད་དམིགས་ཚད་ཁག་ཚང་མ་ཚད་ལོན་བྱུང་ཡོད།
过去五年工作回顾
五年来,在县委坚强领导、县人大及其常委会有力监督、上级法院监督指导、县政府大力支持、县政协民主监督下,我院坚持以习近平新时代中国特色社会主义思想为指导,全面贯彻党的二十大和二十届历次全会精神,深入践行习近平法治思想、总体国家安全观与新时代党的治藏方略,以铸牢中华民族共同体意识为主线,立足边境口岸、多民族聚居、珠峰生态屏障县情,锚定“努力让人民群众在每一个司法案件中感受到公平正义”工作目标,忠实履行宪法法律职责,以法院现代化建设服务保障现代化新吉隆发展。
འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ཕྱིར་འདྲན།
ལོ་ལྔའི་རིང་། རྫོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་རྫོང་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་དང་། གོང་རིམ་མི་དམངས་ཁྲིམས་ཁང་གི་ལྟ་སྐུལ་མཛུབ་ཁྲིད་དང་རྫོང་སྲིད་གཞུང་གི་ཤུགས་ཆེན་རྒྱབ་སྐྱོར་དེ་བཞིན་རྫོང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག་སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་གྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་མཐའ་མཚམས་འགག་སྒོ་དང་། མི་རིགས་མང་པོ་འདུས་སྡོད་དང་ཇོ་མོ་གླང་མའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སོགས་རྫོང་གི་གནས་ཚུལ་ལ་གཞི་ཚུགས་ནས་"མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་དྲང་གཞག་དྲང་སྙོམས་དྲང་བདེན་ཚོར་ཐུབ་པ་ཧུར་ཐག་བྱེད་པའི་"ལས་ཀའི་དམིགས་ཚད་གཏན་འཁེལ་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཁྲིམས་ཁང་གི་ལས་དོན་དེང་རབས་ཅན་གྱི་ཞབས་ཞུར་བརྟེན་ནས་དེང་རབས་ཅན་གྱི་སྐྱིད་གྲོང་གསར་པ་འཛུགས་སྐྲུན་བྱ་རྒྱུར་འགན་ལེན་ཏན་ཏིག་བྱས་ཡོད།
一、坚持党建引领,筑牢司法政治根基(གཅིག)ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་ཁྲིམས་འཛིན་ ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་བ།


1. 坚持党的绝对领导,压实政治责任
严格落实《中国共产党政法工作条例》,完善重大事项请示报告制度。五年来召开党组会研究“三重一大”事项108项,向县委、政法委请示重大事项8次,走访人大、政协代表5次;建立重大、敏感案件审查机制,牢牢守住意识形态阵地,把政治标准贯穿司法全过程。
2. 深化理论武装,夯实思想根基
落实“第一议题”制度,搭建“党组领学、支部研学、阵地践学”三维学习体系,聚焦边境治理、民族团结、生态司法、强边固防开展常态化学习。累计集中学习329次,政治轮训132人次,干警培训覆盖率100%;完成专项调研31项,班子下沉一线破解司法难题。
3. 打造边境特色党建品牌
推行“支部建在庭上、党小组建在团队、党员岗设在一线”工作模式,深耕“党徽照天平·法润边民心”党建品牌,将党建融入巡回审判、涉外调解、口岸普法、生态司法、诉前治理,充分发挥基层党组织战斗堡垒作用。
1.ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག་》ལག་བསྟར་དོན་འཁྱོལ་བྱས་ནས་དོན་གནད་གལ་ཆེན་གྱི་བཀའ་སློབ་སྙན་ཞུའི་ལམ་ལུགས་འཐུས་ཚང་དུ་བཏང་ཡོད། ལོ་ལྔའི་རིང་ཏང་ཙུའུ་ཚོགས་འདུ་འཚོགས་ནས"གལ་ཆེན་གསུམ་དང་འབོར་ཆེན་གཅིག་"གི་དོན་གནད་ཁག་108ལ་ཞིབ་འཇུག་བྱས་པ་དང་། རྫོང་ཨུད་དང་རྫོང་སྲིད་གཞུང་རིམ་པའི་རྫོང་ཨུད་ཀྱི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལ་དོན་དག་གལ་ཆེན་ཐེངས་8དགོངས་སྐོར་སྙན་གསེང་ཞུས་པ། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་འཐུས་མིར་འཚམས་འདྲི་ཐེངས་5བྱས་ཡོད། གྱོད་གཞི་གལ་ཆེན་དང་ཚོར་སྣང་སྐྱེན་པའི་གྱོད་གཞིར་ཞིབ་བཤེར་ལམ་སྲོལ་བཙུགས་ནས་འདུ་བཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་སྲུང་བྱས་ཏེ་ཆབ་སྲིད་གི་ཚད་གཞི་དེ་ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཡོད།
2.རིགས་པའི་གཞུང་ལུགས་ཀྱི་དྲགས་ཆས་སྤྲོད་རྒྱུ་གཏིང་གཟབ་དུ་བཏང་ནས་བསམ་བློའི་རྨང་གཞི་གཏིང་གཟབ་དུ་བཏང་ཡོད།"གྲོས་དོན་དང་པོའི་"ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་"ཏང་ཙུའུ་ཡིས་སློབ་སྦྱོང་ལ་སྣེ་ཁྲིད་དང་། ཀྲི་པུའུ་ཡིས་ཞིབ་འཇུག་སློབ་སྦྱོང་། གཡུལ་ས་ནས་ལག་ལེན་བསྟར་བ་"བཅས་ཀྱི་དཀྱུས་ཞེང་དཔངས་གསུམ་གྱི་སློབ་སྦྱོང་མ་ལག་འཛུགས་པ་དང་། མཐའ་མཚམས་བཅོས་སྐྱོང་དང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་ཁྲིམས་སྐྱོང་། མཐའ་བརྟན་མཐའ་སྲུང་བཅས་ལ་དམིགས་ནས་རྒྱུན་ནམ་ཅན་གྱི་སློབ་སྦྱོང་གི་བྱ་ཐབས་སྤེལ་ཡོད། རིམ་རྩིས་བྱས་ནས་གཅིག་སྡུད་སློབ་སྦྱོང་ཐེངས་329བྱས་པ་དང་ཁྱོན་ཡོངས་ལ་མི་ཐེངས་132ལ་ཆབ་སྲིད་རེས་སྐོར་གསོ་སྦྱོང་བྱས་ནས་ལས་བྱེད་ཉེན་རྟོག་པ་གསོ་སྦྱོང་སྣ་ཚོགས་ནང་ཞུགས་ཚད་100%ཟིན་ཡོད་པ་རེད། ཆེད་དོན་བརྟག་ཞིབ་ཁག་31ལེགས་སྒྲུབ་ཟིན་ནས་ཚན་ཁག་གི་ཐབ་ས་དང་པོར་བསྐྱོད་དེ་ཁྲིམས་འཛིན་གྱི་དཀའ་གནད་སེལ་ཐུབ་ཡོད།
3.མཐའ་མཚམས་ཀྱི་ཁྱད་ལྡན་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པ།"ཀྲི་པུའུ་ཁྲིམས་སར་འཛུགས་པ་དང་། ཏངགི་ཚོ་ཆུང་ཚོགས་པའི་ནང་འཛུགས་པ། ཏང་ཡོན་གྱི་ལས་གནས་འཐབ་ཕྱོགས་དང་པོར་འཛུགས་པ་བཅས་ཀྱི་ལས་ཀའི་མ་དཔེ་ཁྱབ་སྤེལ་བཏང་བ་དང་། ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏིང་ཟབ་དུ་རྨོ་འདེབས་བྱས་ཏེ་ཏང་འཛུགས་སྐྱོང་དེ་སྐོར་སྐྱོད་འདྲི་གཅོད་དང་། ཕྱི་ཕྱོགས་དང་འབྲེལ་བའི་འདུམ་འགྲིག འགག་སྒོའི་ཁྲིམས་ལུགས་ཁྱབ་གདལ། སྐྱེ་ཁམས་ཁྲིམས་འཛིན། གཏུག་བཤེར་མ་བྱས་གོང་གི་བཅོས་སྐྱོང་བཅས་ཀྱི་ནང་འདྲིས་པར་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ཡོད།

二、聚焦主责主业,全力维护公平正义(གཉིས།) འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ནས་དྲང་ སྙོམས་དྲང་བདེན་ནུས་ཤུགས་ཡོད་རྒུས་སྲུབ་སྐྱོང་བྱེད་དགོས།


1. 从严惩治刑事犯罪,守牢边境安全底线
五年审理刑事案件71件、审结71件,审结率100%。依法严惩盗窃、故意伤害、跨境偷渡、危害野生动植物、电诈、养老诈骗、涉毒、涉黑等各类违法犯罪。常态化开展庭审旁听、法院开放日活动,组织法治宣讲12场,358名代表、师生、干部走进法庭,持续提升群众法治意识。
2. 妥善化解民商事纠纷,全方位保障民生
受理民商事案件897件,审结888件,法定审限内结案率100%。
• 审理民间借贷、劳务等涉民生案件237件;
• 妥善处置金融、商事纠纷164件,优化营商环境;
• 创新家事审判机制,审结婚姻家事案件136件,制发司法建议书12份,保护妇女、儿童、老年人合法权益。
3. 攻坚执行难题,兑现群众胜诉权益
构建多部门联动执行长效机制,常态化开展终本清理、打击拒执专项行动。五年受理执行案件610件,执结601件,执结率98.52%,执行到位金额5800万余元。
• 网络查控财产线索800余条;
• 19名被执行人纳入失信名单,127人次限制高消费,3人司法拘留;
• 网络财产查控全覆盖,执行到位率稳定61%以上,重点保障农民工、小微企业合法权益。
4. 深化繁简分流,提升审判管理质效
建立案件全流程闭环管理,落实审限预警、长期未结案件清零、常态化评查机制。推行简案快审、繁案精审,适用速裁、简易程序审理刑事52件、民事595件,大幅压缩办案周期,统一裁判尺度,杜绝“同案不同判”。
1.ཉེས་དོན་ཉེས་གསོག་ལ་ཆད་པ་ནན་པོ་བཅད་དེ་མཐའ་མཚམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས། ལོ་ལྔའི་རིང་ཉེས་དོན་གྱོད་གཞི་71ལ་འདྲི་གཅོད་བྱས་པ་དང་། གྱོད་གཞི་71འདྲི་གཅོད་མཇུག་སྒྲིལ་ཟིན། འདྲི་གཅོད་མཇུག་སྒྲིལ་ཚད་100%ཡིན་ཞིང་། དེའི་ནང་རྐུ་འཕྲོག་དང་། རྐང་བཙུགས་ནས་མི་གཞན་ལ་གནོད་འཚེ་གཏོང་བ། མངའ་ཁོངས་ལས་བརྒལ་ཏེ་ལྐོག་བྲོས་བྱེད་པ། བྱེས་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གནོད་འཚེ་གཏོང་བ། གློག་གཡོ་བ། རྒན་གསོ་ཁ་བསླུས་རྒྱག་པ་སོགས་ཀྱི་ ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་དྲི་གཅོད་བྱས་ཡོད། རྒྱུན་རྣམ་ཅན་དུ་འགྱུར་བའི་སྒོ་ནས་ཁྲིམས་སའི་འདྲི་གཅོད་ཟུར་ཉན་དང་ཁྲིམས་ཁང་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ཁྲིམས་སྐྱོང་སྒྲོག་འགྲེལ་ཐེངས་12སྒྲིག་འཛུགས་བྱས་པ། འཐུས་མི་དང་དགེ་སློབ། ལས་བྱེད་པ་བཅས་མི་358ཁྲིམས་རར་བསྐྱོད་དེ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་རྒྱུན་མཐུད་ངང་ཆེ་རུ་བཏང་ཐུབ་ཡོད།
2.དམངས་དོན་དང་ཚོང་དོན་གྱི་རྩོད་གཞི་འདུམ་འགྲིག་འོས་འཚམ་བྱས་ཏེ་ཕྱོགས་ཡོངས་ནས་དམངས་འཚོ་འགན་ལེན་བྱས་ཐུབ་ཡོད། དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་897བདག་སྤྲོད་བྱས་པ་དང་གྱོད་གཞི་888འདྲི་གཅོད་མཇུག་སྒྲིལ་བྱས་པ་དང་ཁྲིམས་གཏན་འཁེལ་བའི་འདྲི་གཅོད་དུས་ བཀག་ནང་གྱོད་ཐག་གཅོད་ཚད་100%ཟིན་ཡོད་པ་རེད།
.དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན་དང་ངལ་ལས་སོགས་དམངས་འཚོ་ དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁ་གྲངས་237ལ་འདྲི་གཅོད་བྱས་པ།
.དངུལ་རྩ་དང་ཚོང་དོནགྱོད་གཞི་164ཐག་གཅོད་འོས་འཚམ་བྱས་ནས་ཚོང་ གཉེར་ཁོར་ཡུག་ལེགས་སུ་བཏང་ཐུབ་ཡོད།
.ཁྱིམ་དོན་འདྲི་གཅོད་ལམ་སྲོལ་གསར་གཏོད་བྱས་ནས་གཉེན་སྒྲིག་ཁྱིམ་དོན་ གྱོད་གཞི་136འདྲི་གཅོད་མཇུག་སྒྲིལ་བྱས་པ་དང་ཁྲིམས་འཛིན་གྲོས་འགོའི་ཡི་གེ་12བཟོས་ནས་སྤྲད་ཡོད་པ་དེ་བཞིན་བུད་མེད་དང་བྱིས་པ། རྒན་རྒོན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་བཅས་ལ་སྲུང་སྐྱོང་བྱས་ཡོད།
3.ལག་བསྟར་གྱི་དཀའ་གནད་འགག་སྒྲོལ་བྱས་ནས་མང་ཚོགས་ཀྱི་གཏུག་བཤེར་ལས་རྒྱལ་བའི་ཁེ་དབང་མངོན་འགྱུར་ཏན་ཏིག་ཐུབ་ཡོད། ལས་ཁུངས་ཁག་མང་པོས་མཉམ་འགུལ་ལག་བསྟར་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་རྒྱུན་རྣམ་ཅན་དུ་འགྱུར་བའི་སྒོ་ནས་གྱོད་གཞི་མཐའ་མ་གཙང་ བཤེར་དང་། རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཁག་སྤེལ་ཡོད། ལོ་ལྔའི་རིང་ལག་བསྟར་གྱོད་གཞི་ཁག་610བདག་སྤྲོད་བྱས་པ་དང་གྱོད་གཞི་ཁག་601ལག་བསྟར་མཇུག་སྒྲིལ་བྱས་པ་དང་ལག་བསྟར་མཇུག་སྒྲིལ་བྱེད་ཚད་98.52%ཟིན་པ་དང་ལག་བསྟར་དམིགས་སར་འབྱོར་བའི་དངུལ་འབོར་སྒོར་ཁྲི་5800ལྷག་ཙམ་ཟིན་ཡོད།
.དྲ་ཐོག་ནས་རྒྱུ་ནོར་གྱི་ཁུངས་སྣེ་800ལྷག་ཙམ་ཞིབ་བཤེར་ཚོད་འཛིན་བྱས་ཡོད། .
.ལག་བསྟར་བྱ་ཡུལ་མི་19ཁ་དན་ཚིག་ལ་མ་གནས་པའི་མིང་ཐོའི་ནང་བཅུག་ནས་མི་གྲངས་127འཛད་སྤྱོད་ཆེ་བར་ཚོད་འཛིན་བྱས་པ་དང་མི་3ཁྲིམས་འཛིན་བཀག་ཉར་བྱས་པ།
.དྲ་རྒྱའི་རྒྱུ་ནོར་ཞིབ་བཤེར་ཚོད་འཛིན་ཁྱོན་ཡོངས་ལ་ཁྱབ་པ་དང་། ལག་བསྟར་དམིགས་སར་འབྱོར་ཚད་བརྒྱ་ཆ་61ཡན་ལོན་ཐུབ་པ་བྱས་ཏེ་ཞིང་པ་ལས་མི་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁྲིམས་མཐུན་ཁེ་དབང་གཙོ་གནད་ཐོག་འགན་ལེན་བྱས་ཏེ་རྫོང་ཁོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ཡོད།
4.རྙོག་འཛིང་ཅན་དང་སྟབས་བདེའི་ཁག་བགོས་གཏིང་ཟབ་ཏུ་བཏང་ནས་འདྲི་གཅོད་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་བ། གྱོད་གཞིའི་བརྒྱུད་རིམ་ཧྲིལ་པོའི་འབྲེལ་མཐུད་དོ་དམ་འཛུགས་པ་དང་། ཞིབ་བཤེར་དུས་བཀག་གི་སྔོན་ཚུད་ཉེན་བརྡ་གཏོང་བ་དང་། ཡུན་རིང་འདྲི་ཞིབ་མཇུག་སྒྲིལ་མེད་པའི་གྱོད་གཞི་གཙང་བཤེར་བྱེད་པ། རྒྱུན་ལྡན་ཅན་གྱི་དཔྱད་བཤེར་ལམ་སྲོལ་བཅས་དོན་འཁྱོལ་བྱ་དགོས། སྟབས་བདེའི་གྱོད་གཞི་འདྲི་གཅོད་མགྱོགས་པོ་དང་གྱོད་གཞི་རྙོག་འཛིང་ཆེ་རིགས་འདྲི་གཅོད་ཞིབ་ཚགས་བྱ་རྒྱུ་ཁྱབ་སྤེལ་བཏང་ནས་མྱུར་གཅོད་དང་སྟབས་བདེའི་གོ་རིམ་སྤྱད་དེ་ཉེས་དོན་གྱོད་གཞི་52དང་དམངས་དོན་གྱོད་གཞི་59འདྲི་གཅོད་བྱས་ནས་གྱོད་སྒྲུབ་དུས་འཁོར་ཆེས་ཆེར་ཉུང་དུ་བཏང་བ་དང་ཁྲུན་གཅོད་ཚད་གཞི་གཅིག་གྱུར་ཡོང་བ་བྱས་ཏེ་"གྱོད་གཞི་གཅིག་ལ་ཁྲིམས་གཅོད་སྟངས་མི་འདྲ་བ་"གཏན་འགོག་བྱས་ཡོད།

三、服务中心大局,践行司法为民初心(གསུམ།)ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་པའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཡོད།


1. 筑牢边境维稳防线,促进民族团结
全面落实总体国家安全观,以司法护航民族团结。开展民族团结创建活动35场,发放宣传资料1.3万余份;依托“7+1”维稳模式,开展风险排查232次,投入维稳警力623人次、车辆260台次,投入维稳资金65万余元。
2. 推进诉源治理,从源头减少诉讼增量
坚持“抓前端、治未病”,构建多元解纷新模式,诉前调解成功率88%,七成矛盾化解在立案前。在乡镇、村社设立审务工作站,开展矛盾拉网排查60次;联动综治、公安、司法搭建跨境纠纷预警机制,全县80%基层矛盾化解在萌芽阶段。
3. 升级便民诉讼服务,减轻群众诉累
• 12368诉讼热线接通率100%,建立限时办结反馈闭环;
• 五年缓减免诉讼费8.6万元,发放司法救助金6.2万元;
• 投入34万元建成涉外民商事纠纷调解中心,服务口岸涉外主体;
• 投入19万元打造柔性家事法庭,温情化解家庭矛盾。
1.མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྲིམས་འཛིན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་ཐུབ་ཡོད། མི་རིགས་མཐུན་སྒྲིལ་གསར་གཏོད་བྱེད་སྒོ་ཐེངས་35སྤེལ་བ་དང་དྲིལ་བསྒྲགས་དཔྱད་ཡིག་ཁྲི་1.3ལྷག་ཙམ་སྤྲད་པ། "7+1"གི་བརྟན་ལྷིང་སྲུང་སྐྱོང་བྱེད་སྟངས་ལ་བརྟེན་ནས་ཉེན་ཁ་གྲལ་བཤེར་ཐེངས་232 བྱས་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ཉེན་རྟོག་པ་མི་ཐེངས་623དང་རླངས་འཁོར་ ཐེངས་260བཏང་བ་དང་བརྟན་སྲུང་མ་དངུལ་སྒོར་ཁྲི་65ལྷག་ཙམ་བཏང་ཡོད།
2.གཏུག་བཤེར་འབྱུང་ཁུངས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ་འབྱུང་རྩ་ནས་གཏུག་བཤེར་འཕར་ཚད་ཉུང་དུ་བཏང་ཡོད་པ། "མདུན་སྣེ་དམ་འཛིན་དང་ནད་མེད་སྨན་བཅོས་"བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྣ་མང་རྩོད་གཞི་སེལ་བའི་རྣམ་པ་གསར་པ་བཏོད་དེ་གཏུག་བཤེར་མ་བྱས་གོང་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་88%ཟིན་པ་དང་འགལ་བ་བཅུ་ཆ་བདུན་གྱོད་དོན་ཐོ་འགོད་མ་བྱས་གོང་སེལ་ཐུབ་པ་བྱུང་ཡོད། ཤང་གྲོང་དང་གྲོང་ཚོ་མཉམ་ལས་ཁང་དུ་འདྲི་གཅོད་ལས་དོན་ས་ཚིགས་བཙུགས་ནས་འགལ་ཟླ་དྲྭ་འཐེན་གྲལ་བཤེར་ཐེངས་60བྱས་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་དང་། སྤྱི་བདེ། ཁྲིམས་འཛིན་བཅས་མཉམ་འགུལ་གྱིས་རྒྱལ་མཚམས་སྒྲོལ་བའི་རྩོད་གཞིའི་སྔོན་ཚུད་ཉེན་བརྡའི་ལམ་སྲོལ་བཙུགས་ནས་རྫོང་དེ་ཡོངས་ཀྱི་གྱོད་གཞི་80%གཞི་རིམ་དུ་འགལ་ཟླ་ཐོན་མ་ཐག་སེལ་ཐུབ་པ་བྱུང་ཡོད།
3.དམངས་ཕན་གཏུག་བཤེར་ཞབས་ཞུ་རིམ་སྤོར་བྱས་ནས་མང་ཚོགས་ཀྱི་གཏུག་བཤེར་དཀའ་ངལ་ཆུང་དུ་བཏང་ཐུབ་ཡོད།
. 12368གཏུག་བཤེར་ཐད་སྦྲེལ་ཁ་པར་སྦྲེལ་མཐུད་བྱེད་ཚད་100%ཟིན་པ་དང་དུས་བཀག་ལྟར་སྒྲུབ་ཚར་བའི་ལྡོག་འདྲེན་འབྲེལ་མཐུད་བྱས་ཡོད་པ།
. ལོ་ལྔའི་རིང་གཏུག་བཤེར་གྲོན་དངུལ་སྒོར་ཁྲི་8.6ཆག་ཡང་དང་རྩ་ཆག་གཏོང་རྒྱུ་ནར་འགྱངས་བྱས་པ་དང་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་6.2སྤྲད་པ།
.མ་དངུལ་སྒོར་ཁྲི་34བཏང་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་དམངས་དོན་དང་ཚོང་དོན་གྱོད་གཞི་འདུམ་འགྲིག་ལྟེ་གནས་བསྐྲུན་ཏེ་འགག་སྒོའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་གཙོ་གཟུགས་ལ་ཞབས་འདེགས་ཞུས་ཡོད།
.མ་དངུལ་སྒོར་ཁྲི་19བཏང་ནས་མཉེན་གཤིས་ཁྱིམ་དོན་ཁྲིམས་རྭ་བཏོད་དེ་བརྩེ་སེམས་ལ་བརྟེན་ནས་ཁྱིམ་ཚང་གི་འགལ་བ་སེལ་ཡོད།

四、深化司法改革,推进智慧法院建设 (བཞི།) ཁྲིམས་འཛིན་བསྒྱུར་བཅོས་ཟབ་སྤེལ་བྱས་ནས་བློ་གྲོས་ལྡན་པའི་ཁྲིམས་ཁང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།


1. 数字化办案提质增效
融入全国法院“一张网”,全面推行无纸化办案、电子签章、庭审直播,完成办公设备国产化替换;投入140万元升级执行指挥中心,实现案件统一调度、全域监管;用好法答网、人民法院案例库,规范类案裁判标准。
2. 标准化建设诉讼服务阵地
投入306万元新建标准化诉讼服务中心,配备自助查询、安检、无线网络等便民设施,窗口服务纳入绩效考核,群众满意度稳定95%以上。规范信访工作,五年信访案件仅2件,接待来访群众42人次,做到件件有回音。
3. 深耕边境巡回审判与普法宣传
依托车载巡回法庭下沉基层,五年开展上门调解310场次;开展“八五”普法215场,覆盖群众5.2万人次,发放藏汉双语宣传册3.8万份;每年面向口岸外籍人员开展涉外普法不少于2场,覆盖外籍务工人员500人次以上。
1.གྲངས་གཞི་ཅན་གྱི་གྱོད་སྒྲུབ་སྤུས་ཚད་དང་ཕན་འབྲས་ཆེ་བའི་རྒྱལ་ཡོངས་ཁྲིམས་ཁང་གི་"དྲ་བ་གཅིག་"ནང་མཉམ་འདྲེས་ཐུབ་པ་བྱས་ཏེ་ཤོག་མེད་ཅན་གྱི་གྱོད་གཞི་འདྲི་གཅོད་དང་། གློག་རྡུལ་མིང་རྟགས། ཁྲིམས་སའི་འདྲི་གཅོད་ཐད་གཏོང་བཅས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་གཞུང་ལས་སྒྲིག་ཆས་རང་རྒྱལ་ནས་ཐོན་སྐྱེད་བྱེད་པའི་བརྗེ་སྒྱུར་ལེགས་གྲུབ་བྱུང་བ་དང་། མ་དངུལ་སྒོར་ཁྲི་140བཏང་ནས་ལག་བསྟར་བཀོད་འདོམས་ལྟེ་གནས་རིམ་སྤོར་བྱས་ཏེ་གྱོད་གཞི་གཅིག་གྱུར་བཀོད་གཏོང་དང་ས་ཁོངས་ཡོངས་ལ་ལྟ་སྐུལ་དོ་དམ་ཐུབ་པ་བྱུང་བ། ཁྲིམས་ལན་དྲྭ་བ་དང་མི་དམངས་ཁྲིམས་ཁང་གི་གྱོད་གཞིའི་དཔེ་མཛོད་བེད་སྤྱོད་ཡག་པོ་བྱས་ནས་གྱོད་གཞི་རིགས་ཁག་གི་ཁྲུན་གཅོད་ཚད་གཞི་ཚད་ལྟན་དུ་གཏང་ཡོད།
2.ཚད་ལྡན་ཅན་གྱི་འཛུགས་སྐྲུན་གཏུག་བཤེར་ཞབས་ཞུའི་གཡུལ་ས། མ་དངུལ་སྒོར་ཁྲི་306བཏང་ནས་ཚད་ལྡན་ཅན་གྱི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་གསར་སྐྲུན་བྱས་པ་དང་རང་འདེམས་འདྲི་རྩད་དང་། བདེ་འཇགས་ཞིབ་བཤེར། སྐུད་མེད་དྲྭ་བ་སོགས་དམངས་ཕན་སྒྲིག་བཀོད་སྒྲིག་སྦྱོར་བྱས་པ་དང་ལས་དོན་མི་སྣའི་ཞབས་ཞུའི་ཚད་གཞི་བཟོས་ནས་ཞབས་ཞུའི་སྤུས་ཚད་ལ་དཔྱད་ཞིབ་བྱ་རྒྱུ་དེ་ལོ་མཇུག་གི་གྲུབ་འབྲས་དཔྱད་ཞིབ་ནང་བཅུག་སྟེ་ཞབས་ཞུའི་འདུ་ཤེས་དང་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་ཐུབ་པ་བྱུང་ཡོད། དོ་བདག་གིས་གཏུག་བཤེར་ཞབས་ཞུའི་ཚོམས་ཆེན་ལ་བློ་ཡིད་ཚིམ་ཚད་95%ཡན་ཟིན་པའི་འགན་ལེན་བྱས་ཡོད། ཡིག་བསྐུར་ངོ་བཅར་ལས་དོན་ཚད་ལྡན་དུ་བཏང་ནས་ལོ་ལྔའི་རིང་ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི་2ལས་མེད་པ་དང་ངོ་བཅར་དུ་ཡོང་མཁན་མང་ཚོགས་མི་ཐེངས་42ལ་སྣེ་ལེན་ཞུས་ཡོད།
3.མཐའ་མཚམས་སྐོར་སྐྱོད་འདྲི་གཅོད་དང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་གཏིང་ཟབ་བྱས་པ། འཁོར་ཐོག་སྐོར་སྐྱོད་ཁྲིམས་རར་བརྟེན་ནས་གཞི་རིམ་དུ་བསྐྱོད་དེ་ལོ་ལྔའི་ནང་མང་ཚོགས་ཀྱི་སྒོ་རྩར་བསྐྱོད་དེ་གྱོད་གཞི་འདུམ་འགྲིག་ཐེངས་310བྱས་པ་དང་། "བརྒྱད་ལྔའི་"ཁྲིམས་ལུགས་ཁྱབ་གདལ་ཐེངས་215བཏང་ནས་མང་ཚོགས་མི་ཐེངས་ཁྲི་5.2ལ་ཁྱབ་པ་དང་། བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་ལག་དེབ་ཁྲི་3.8སྤྲད་པ། ལོ་ལྟར་འགག་སྒོའི་ཕྱི་ཁོངས་མི་སྣརཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཁྱབ་གདལ་ཐེངས་2ལས་མི་ཉུང་བ་བཏང་བ་དང་ཕྱི་ཁོངས་ལས་མི་མི་ཐེངས་500 ཡན་ལ་ཁྱབ་ཡོད།

五、从严管党治警,锻造边境司法铁军 (ལྔ།)ཏང་ལ་དོ་དམ་དང་ཉེན་རྟོག་པ་བཅོས་སྐྱོང་ནན་པོ་བྱས་ཏེ་མཐའ་མཚམས་ཀྱི་ཁྲིམས་འཛིན་ལྕགས་ལྟ་བུའི་དམག་དཔུང་འཛུགས་སྐྱོང་བྱེད་དགོས།


1. 严守纪律规矩,筑牢廉洁防线
常态化开展主题教育、党纪学习教育、政法队伍教育整顿,严格执行防止干预司法“三个规定”,累计记录报告796条;常态化警示教育,持续整治作风顽疾。
2. 完善人才培育体系
五年提拔班子、中层干部、专委共11人,法官、行政职级晋升12人次;选派12名干警赴内地援藏法院实训,邀请8名援藏专家进藏指导,57人次参加各级业务轮训,优化队伍专业、民族、年龄结构。
3. 落实严管厚爱,激发队伍活力
常态化谈心谈话,投入30万元实施干警生活区“暖居暖心”改造;选树先进典型,3名干警获评全区办案标兵、抗疫先进、市级最美人物。
1.སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་ནས་སྤྱོད་གཙང་གི་འགོག་སྲུང་འཛིང་རགས་བརྟན་དུ་བསྐྲུན་དགོས་པ་སྟེ། བརྗོད་བྱ་གཙོ་བོའི་སློབ་གསོ་དང་། ཏང་གི་ སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་བཅས་རྒྱུན་རྣམ་ཅན་དུ་སྤེལ་ནས་ཁྲིམས་འཛིན་ལ་ཐེ་གཏོགས་མི་བྱེད་པའི་"གཏནའབེབས་གསུམ་"ལག་བསྟར་ནན་པོ་བྱས་ཏེ་རིམ་རྩིས་བྱས་ན་སྙན་ཞུ་796ཐོ་འགོད་བྱས་པ་དང་། རྒྱུན་རྣམ་ཅན་དུ་འགྱུར་བའི་ཉེན་བརྡའི་སློབ་གསོ་བཏང་ནས་སྤྱོད་ཚུལ་གྱི་གཅོང་ནད་རྒྱུན་མཐུད་བཅོས་སྐྱོང་བྱས་ཡོད།
2. ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་ཡོད་པ་སྟེ། ལོ་ལྔའི་རིང་འགོ་ཁྲིད་ཚན་པ་དང་། འབྲིང་རིམ་ལས་བྱེད་པ། ཆེད་དོན་ཨུ་ཡོན་ལྷན་ཁང་བཅས་ཁྱོན་བསྡོམས་མི་11གོ་གནས་སྤར་པ་དང་། ཁྲིམས་དཔོན་དང་སྲིད་འཛིན་གྱི་འགན་རིམ་མི་ཐེངས་12སྤར་བ། ལས་བྱེད་ཉེན་རྟོག་པ་མི་12ནང་སའི་བོད་སྐྱོར་ཁྲིམས་ཁང་དུ་དངོས་སྦྱོང་བྱེད་པར་འདེམས་གཏོང་བྱས་ཡོད་པ། བོད་སྐྱོར་རིགས་གཅིག་མཁས་ཅན་མི་8བོད་དུ་གདན་དྲངས་ནས་མཛུབ་ཁྲིད་བྱས་ཡོད། མི་གྲངས་ཐེངས་57རིམ་ཁག་ལས་སྒོའི་རེས་སྐོར་སྦྱོང་བརྡར་ནང་ཞུགས་པ་བཅས་བྱས་ནས་དཔུང་ཁག་གི་ཆེད་ལས་དང་། མི་རིགས། ལོ་ནའི་གྲུབ་ཆ་བཅས་ལེགས་སུ་བཏང་ཡོད།
3.དོ་དམ་ནན་པོ་དང་དགའ་ཞེན་ཟབ་མོ་དོན་འཁྱོལ་བྱས་ནས་དཔུང་ཁག་གི་གསོན་ཤུགས་འཕེལ་བ་བྱས་ཡོད།
རྒྱུན་རྣམ་ཅན་གྱི་སེམས་གཏོང་གི་སྐད་ཆ་ཤོད་རེས་བྱས་ཏེ་མ་དངུལ་སྒོར་ཁྲི་30 བཏང་ནས་ལས་བྱེད་ཉེན་རྟོག་པའི་འཚོ་བའི་ཁུལ་གྱི་"དྲོ་སྐྱིད་ལྡན་པའི་སྡོད་ཁང་" སྒྱུར་བཀོད་བྱས་པ་དང་། སྔོན་ཐོན་དཔེ་མཚོན་བདམས་ནས་ལས་བྱེད་ཉེན་རྟོག་པ་3ལ་ལྗོངས་ཡོངས་ཀྱི་གྱོད་སྒྲུབ་དཔེ་དམག་དང་། རིམས་འགོག་སྔོན་ཐོན། གྲོང་ཁྱེར་རིམ་པའི་མི་སྣ་མཛེས་ཤོས་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

六、主动接受各方监督,打造阳光司法 ( དྲུག ) ཕྱོགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ནས་ཀུན་གསལ་ཁྲིམས་འཛིན་གཏོད་ཡོད།


1. 自觉接受人大、政协监督
定期向人大、政协汇报工作,五年提请法律职务任免6人次,走访人大代表5次,主动吸纳代表委员意见建议。
2. 主动接受检察、社会监督
建立检法协同机制,规范检察建议办理;落实人民陪审员参审制度;依托官方微信发布司法动态705条。
3. 落实司法“四大公开”
公开裁判文书503份、庭审直播241场,推送流程、执行信息321条,以公开促公正、树公信。
1.མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་དང་དུས་བཀག་ལྟར་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ལ་ལས་དོན་སྙན་སེང་ཞུས་ནས་ལོ་ལྔའི་རིང་བཅའ་ཁྲིམས་ཀྱི་གོ་གནས་མི་ཐེངས་6བསྐོ་འཐེན་བྱ་རྒྱུར་ཕུལ་བ་དང་མི་དམངས་འཐུས་ཚོགསཀྱི་འཐུས་མིར་འཚམས་འདྲི་ཐེངས་5བྱས་པ་དང་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་རང་འགུལ་ངང་བསྡུ་ལེན་བྱས་ཡོད།
2.རང་འགུལ་གྱིས་ཞིབ་དཔྱོད་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཡོད་པ་སྟེ། ཞིབ་དཔྱོད་དང་བཅའ་ཁྲིམས་ཀྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་ཞིབ་དཔྱོད་ཀྱི་ གྲོས་འགོ་སྒྲུབ་གཉེར་ཚད་ལྡན་དུ་བཏང་བ་དང་། མི་དམངས་འདྲི་གཅོད་ལས་རོགས་པ་འདྲི་གཅོད་ནང་ཞུགས་པའི་ལམ་ལུགས་དོན་འཁྱོལ་བྱས་ཡོད་པ། གཞུང་ཕྱོགས་ཀྱི་སྐད་འཕྲིན་ལ་བརྟེན་ནས་ཁྲིམས་འཛིན་གྱི་འགུལ་རྣམ་དོན་ཚན་705ཁྱབ་ བསྒྲགས་བྱས་ཡོད།
3.ཁྲིམས་འཛིན་གྱི་"ཡོངས་བསྒྲགས་ཆེན་པོ་བཞི་"དོན་འཁྱོལ་བྱས་ཡོད། ཁྲིམས་གཅོད་ཡིག་ཆ་503ཁྲིམས་ལྟར་ཡོངས་བསྒྲགས་བྱས་པ་དང་ཁྲིམས་སའི་འདྲི་གཅོད་ཐད་གཏོང་ཐེངས་241བྱས་ཡོད་པ་དང་འདྲི་གཅོད་བརྒྱུད་རིམ་དང་ལག་བསྟར་ཆ་འཕྲིན་321འདེད་སྐྱེལ་བྱས་ཏེ་ཡོངས་བསྒྲགས་ལ་བརྟེན་ནས་དྲང་གཞག་ལ་སྐུལ་འདེད་གཏོང་ཐུབ་ཡོད།


未来五年工作安排
མ་འོངས་པའི་ལོ་ལྔའི་ལས་དོན་བཀོད་སྒྲིག

1.持续强化政治建设,把稳司法前进方向
坚持党对法院工作绝对领导,严格落实“第一议题”、重大事项请示报告制度;深化党建业务深度融合,升级“党徽照天平·法润边民心”特色品牌,发挥党员先锋模范作用,以党建引领审判高质量发展。
(གཅིག)ཆབ་སྲིད་ལེགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཁྲིམས་འཛིན་གྱི་མདུན་སྐྱོད་ཁ་ཕྱོགས་བརྟན་པོ་ཡོང་བ་བྱ་དགོས། ཏང་གིས་ཁྲིམས་ཁང་གི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་"གྲོས་དོན་དང་པོ་"དང་དོན་དག་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་དགོས་པ་དང་། ཏང་འཛུགས་སྐྱོང་གི་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱས་ནས་ཁྱད་ཆོས་ལྡན་པའི་སྤུས་རྟགས་རིམ་སྤར་བྱས་ཏེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས་ཏང་འཛུགས་སྐྱོང་ལ་བརྟེན་ནས་འདྲི་གཅོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱ་དགོས།
2.抓实审判执行主业,提升边境司法质效
紧盯审判质效指标,清理积案、严控超审限;统一涉劳、电诈、工程类案件裁判尺度;深化诉源治理,推动矛盾前端化解;完善多部门执行联动机制,坚持善意文明执行;健全特殊群体权益保障机制,做实便民利民司法服务。
(གཉིས་)འདྲི་གཅོད་ལག་བསྟར་ལས་རིགས་གཙོ་བོ་དམ་འཛིན་ཏན་ཏིག་བྱས་ནས་མཐའ་མཚམས་ཁྲིམས་འཛིན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་ཕུང་གསོག་ཐེབས་པའི་གྱོད་གཞི་གཙང་བཤེར་དང་ཞིབ་གཅོད་ཚད་གཞི་ལས་བརྒལ་བར་ཚོད་འཛིན་ནན་པོ་བྱས་པ་དང་། ངལ་རྩོལ་དང་འབྲེལ་བ་ཡོད་པ་དང་། གློག་གཡོ་བ། ལས་གྲྭའི་རིགས་བཅས་ཀྱི་གྱོད་གཞིའི་ཁྲུན་གཅོད་ཚད་གཞི་གཅིག་གྱུར་བཟོས་པ། གཏུག་བཤེར་འབྱུང་ཁུངས་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས་འགལ་བའི་མདུན་སྣེ་སེལ་རྒྱུར་སྐུལ་འདེད་བཏང་བ། ལས་ཁུངས་མང་པོ་མཉམ་དུ་ལག་བསྟར་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སེམས་བཟང་ཡ་རབས་ངང་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་པ། དམིགས་བསལ་ཚོགས་སྤྱིའི་ཁེ་དབང་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་ཐུབ་པ་བྱ་དགོས།
3.建强专业人才队伍,适配边境治理需求
对接人才引进政策,重点引进涉外、生态、刑事专业审判力量;构建援藏实训、师徒帮带、专项培训全链条培养模式,将涉外审判、生态法典作为核心培训内容,打造适配珠峰生态保护、口岸强边固防的专业化队伍。
(གསུམ་) ཆེད་ལས་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་བཏང་ནས་མཐའ་མཚམས་བཅོས་སྐྱོང་གི་དགོས་མཁོ་དང་འཚམ་པ་བྱེད་དགོས།
ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་སྲིད་ཇུས་དང་འབྲེལ་མཐུད་བྱས་ཏེ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པ་དང་། སྐྱེ་ཁམས་དང་ཉེས་དོན་གྱི་ཆེད་ལས་འདྲི་གཅོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་བོད་སྐྱོར་དངོས་སྦྱོང་དང་། དགེ་སློབ་ཁྲིད་རོགས།ཆེད་དོན་སྦྱོང་བརྡར་བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་གསོ་སྐྱོང་བྱེད་སྟངས་བཙུགས་ཏེ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་འདྲི་གཅོད་དང་སྐྱེ་ཁམས་ཁྲིམས་གཞུང་དེ་ལྟེ་བའི་སྦྱོང་བརྡར་གྱི་ནང་དོན་དུ་བརྩིས་ནས་ཇོ་མོ་གླང་མའི་སྐྱེས་ཁམས་སྲུང་སྐྱོང་དང་འགག་སྒོའི་མཐའ་མཚམས་སྟོབས་ཆེར་གཏོང་བ་དང་སྲ་བརྟན་གཏོང་བའི་ཆེད་ལས་ཅན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་དགོས།
4.健全精细化管理体系,规范司法权力运行
完善案件全流程监督,落实阅核制、“四类案件”专项监管,常态化质效研判;规范案款、档案、保密、信息化、固定资产全链条管理,推动法院内部治理标准化、精细化。
(བཞི་)ཞིབ་ཕྲ་ཅན་གྱི་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས་ཁྲིམས་འཛིན་ དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་དགོས།
གྱོད་གཞིའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱ་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་ལྟ་ཀློག་ལམ་ལུགས་དང་"གྱོད་གཞི་རིགས་བཞིའི་"ཆེད་དོན་ལྟ་སྐུལ་དོ་དམ་དོན་འཁྱོལ་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྤུས་ཚད་དང་ཕན་འབྲས་ལ་ཞིབ་འཇུག་དང་བརྡར་ཤ་བཅད་པ་དང་། གྱོད་གཞིའི་དངུལ་དང་། ཡིག་ཚགས། གསང་བ། ཆ་འཕྲིན་ཅན། གཏན་འཇགས་རྒྱུ་ནོར་བཅས་ཀྱི་འབྲེལ་ཐག་ཧྲིལ་པོར་དོ་དམ་བྱ་རྒྱུ་ཚད་ལྡན་བཟོས་ནས་ཁྲིམས་ཁང་ནང་ཁུལ་གྱི་བཅོས་སྐྱོང་ཚད་ལྡན་ཅན་དང་ཞིབ་ཚགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་དགོས།
5.夯实司法保障基础,升级边境司法硬件
积极争取专项工作经费,保障口岸联合普法、跨境巡回办案;更新老旧办案设备,完善基层法庭配套;深化智慧法院深度应用,搭建跨部门信息共享平台,全面提升生态司法、边境综合治理保障水平。
(ལྔ་)ཁྲིམས་འཛིན་འགན་སྲུང་གི་རྨང་གཞི་བརྟན་དུ་བཏང་ནས་མཐའ་མཚམས་ཀྱི་ཁྲིམས་འཛིན་མཁྲེགས་ཆས་རིམ་སྤར་བྱ་དགོས།
ཆེད་དོན་ལས་ཀའི་འགྲོ་གྲོན་བརྩོན་ལེན་ཧུར་ཐག་བྱས་ཏེ་འགག་སྒོའི་མཉམ་འབྲེལ་ཁྲིམས་ལུགས་ཁྱབ་གདལ་དང་རྒྱལ་མཚམས་སྒྲོལ་བའི་སྐོར་སྐྱོད་གྱོད་སྒྲུབ་འགན་ལེན་བྱས་པ་དང་། གྱོད་སྒྲུབ་སྒྲིག་ཆས་རྙིང་པ་རྣམས་གསར་བརྗེས་བྱས་ནས་གཞི་རིམ་ཁྲིམས་རྭའི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་བ། བློ་གྲོས་ལྡན་པའི་ཁྲིམས་ཁང་བེད་སྤྱོད་གཏིང་ཟབ་བྱས་ཏེ་སྡེ་ཚན་ལས་བརྒལ་བའི་ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་བསྐྲུན་ནས་སྣོད་བཅུད་ཁྲིམས་འཛིན་དང་མཐའ་མཚམས་ཕྱོགས་བསྡུས་བཅོས་སྐྱོང་གི་འགན་ལེན་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཐུབ་པ་བྱ་རྒྱུ་ཡིན།