黄南州政府工作报告名词解释(藏汉双语)
- 2026-11-06 14:43:35
黄南州政府工作报告名词解释(藏汉双语)点击蓝字,立即关注 
01 1.“བྱང་གསུམ”བཟོ་སྐྲུན་ནི། རང་རྒྱལ་གྱི་ནུབ་བྱང་དང་ཧྭ་བྱང་། བྱང་ཤར་བཅས་སུ་འཛུགས་སྐྲུན་བྱས་པའི་མིའི་བཟོས་ནགས་ལས་སྐྱེ་ཁམས་བཟོ་སྐྲུན་ལ་ཟེར་ཏེ། 1978ལོར་མགོ་བརྩམས་པ་ནས་བཟུང་། བཟོ་སྐྲུན་གྱི་དུས་སྐབས་སྔོན་མ་ལྔའི་ལས་འགན་གྲུབ་པར་བྱས། 2021-2030ལོ་ནི“བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་གྱི་དུས་སྐབས་ཡིན་ལ། དེ་རང་ཞིང་གི་ཟི་ལིང་དང་མཚོ་ཤར། མཚོ་བྱང་། མཚོ་ལྷོ། མཚོ་ནུབ། རྨ་ལྷོ་བཅས་གྲོང་ཁྱེར་དང་ཁུལ6གི་རྫོང(ཁུལ)31ལ་འབྲེལ་ཡོད། 1.“三北”工程:在我国西北、华北和东北建设的大型人工林业生态工程,自1978年启动以来,已完成前五期工程建设任务。2021—2030年是“三北”工程六期建设期,涉及我省西宁、海东、海西、海南、海北、黄南6市州31个县(区)。 2.ཤང་ཀངSTCསྤུས་ལེགས“ཡིན”རྟགས་དཔང་བདེན་ར་སྤྲོད་ནི། ཤང་ཀང་ཚད་གཞི་དང་བཤེར་བཅད་ལྟེ་གནས(STC)ཀྱིས་བཏོན་པའི་སྤུས་ཚད་དཔང་བདེན་ར་སྤྲོད་འཆར་གཞི་ལ་ཟེར་ཏེ། དེ་ནི་ཤང་ཀང་ཁྲོམ་རའི་སྟེང་དགའ་བསུ་ཆེར་ཐོབ་ཀྱི་ཐོན་རྫས་དཔང་བདེན་ར་སྤྲོད་མཚོན་རྟགས་གྲས་ཀྱི་གཅིག་ཡིན་ལ། དཔང་བདེན་ར་སྤྲོད་བཤེར་འཇལ་ཞབས་ཞུ་ལ་རྒྱལ་ཁབ་དང་རྒྱལ་སྤྱིའི་དབང་གྲགས་ལས་ཁུངས་མང་པོའི་ཁས་ལེན་ཐོབ་ཡོད། 2.香港STC优质“正”印认证:香港标准及检定中心(STC)推出的质量认证计划,是香港市场上最受欢迎的产品认证标志之一,认证检测服务已取得多个国家和国际权威机构认可。 3.“གྲངས་གཞིའི་རྒྱུ་རྐྱེན×”ནི། བཟོ་ལས་བཟོ་སྐྲུན་དང་། དེང་རབས་ཞིང་ལས། ཚོང་དོན་འཁོར་རྒྱུགས། འགྲིམ་འགྲུལ་སྐྱེལ་འདྲེན། དངུལ་རྩའི་ཞབས་ཞུ། ཚན་རྩལ་གསར་གཏོད། རིག་གནས་ཡུལ་སྐོར། སྨན་བཅོས་བདེ་ཐང་། འཚུབ་ཟློག་དོ་དམ། གནམ་གཤིས་ཞབས་ཞུ། གྲོང་ཁྱེར་བཅོས་སྐྱོང་། ལྗང་མདོག་ཐཱན་ཉུང་སོགས་ལས་རིགས་དང་ཁྱབ་ཁོངས12ཀྱི། གྲངས་གཞི་དེ་གནས་ལྗོངས་མང་པོར་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་ལ་བརྟེན་ནས། གྲངས་གཞིའི་གྲུབ་ཆ་གཙོ་བོའི་རིན་ཐང་ཕྱིར་འདོན་པ་དང་། ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་མཐོར་འདེགས་གཏོང་བ། ཐོན་ལས་ཀྱི་རྣམ་པ་གསར་པ་གསར་གཏོད། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གསོ་སྐྱོང་བཅས་བྱས་ཏེ། དཔལ་འབྱོར་ལ་ལྡབ་གྲངས་ལྡབ་འཕར་གྱི་ཕན་འབྲས་མངོན་འགྱུར་བྱེད་པ་ཞིག་ཡིན། 3.“数据要素×”:指在工业制造、现代农业、商贸流通、交通运输、金融服务、科技创新、文化旅游、医疗健康、应急管理、气象服务、城市治理、绿色低碳等12个行业和领域,通过推动数据在多场景应用,释放数据要素价值,提高资源配置效率,创造产业新模式,培育发展新动能,从而实现对经济的乘数倍增效应。 4.“འཆར་མང་གཅིག་སྒྲིལ”གྱི་སྡེ་བའི་འཆར་འགོད་ནི།སྡེ་བ་རིམ་པ་ནས་ས་ཆ་བེད་སྤྱོད་དང་། སྡེ་བ་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་བར་སྟོང་རང་བཞིན་དེ་དག་གཅིག་གྱུར་གྱི་ཁྲིམས་བཀོད་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དུ་བསྡུ་སྒྲིལ་བྱས་ནས། བར་སྟོང་བཀོད་སྒྲིག་དང་ཐོན་ཁུངས་བེད་སྤྱོད་ལེགས་སྒྱུར་མངོན་འགྱུར་བྱེད་པ་ལ་ཟེར། 4.“多规合一”村庄规划:在村庄层面将土地利用、村庄建设、生态保护、产业发展等空间性整合为统一的法定国土空间规划,实现优化空间布局和资源利用。 5.གཞུང་བཙུགས་སྨན་ཁང་གི“ལྟེ་གནས་ཆེན་པོ་ལྔ”ནི། བྲང་གཟེར་ལྟེ་གནས་དང་གཟའ་ནད་ལྟེ་གནས། རྨས་སྐྱོན་ལྟེ་གནས། ཉེན་ཆེའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས། ཉེན་ཆེའི་གསར་སྐྱེས་ཕྲུ་གུ་སྐྱོབ་བཅོས་ལྟེ་གནས་བཅས་ལ་ཟེར། 5.公立医院“五大中心”:胸痛中心、卒中中心、创伤中心、危重孕产妇救治中心、危重新生儿救治中心。 6.“རྒོལ་གཉིས་འགོག་བཞི”ནི། རང་སྲེག་ལ་ངོ་རྒོལ་དང་འཇིག་སྐུལ་ལ་ངོ་རྒོལ་བྱས་ཏེ། ཆབ་སྲིད་བདེ་འཇགས་ཀྱི་དོན་དག་ཚབས་ཆེན་དང་། དྲག་ཤུགས་འཇིགས་སྐུལ་དོན་དག་ཚབས་ཆེན། གཞི་ཁྱོན་ཆེ་བའི་ཚོགས་པ་རང་བཞིན་གྱི་མཉམ་འདུས་དོན་དག མི་སྒེར་གྱི་ཐལ་སྤྱོད་དོན་དག་བཅས་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་པ་ལ་ཟེར། 6.“两反四防”:反自焚、反暴恐,坚决防止发生重大政治安全事件、严重暴力恐怖事件、大规模群体性聚集事件和个人极端事件。 7.“འགོག་གཏོར་སྙུང་སྲུང”ནི། “ཉེན་ཁ་འགོག་པ་དང་། མངོན་མེད་རྐྱེན་ངན་གཏོར་བ། གྱོད་བྱུང་སྙུང་བ། བདེ་འཇགས་སྲུང་བ”བཅས་ཀྱི་ཆེད་དོན་འགུལ་སྐྱོད་ལ་ཟེར། 7.“防除降保”:防风险、除隐患、降发案、保平安。 8.“མུའུ་ཁྲི་ཅན་བཞི”དང“ཁྲི་ཅན་བཞིའི”ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་རྟེན་གཞི་ནི། “མུའུ་ཁྲི་ཅན་བཞིའི”ཁྱད་ལྡན་འདེབས་འཛུགས་རྟེན་གཞི་ནི་ནས་དང་། ལོག་དཀར། གཟན་རྩྭ། སིལ་ཏོག་སྔོ་ཚོལ་བཅས་མུའུ་ཁྲི་རེ་ཡོད་པའི་ཁྱད་ལྡན་འདེབས་འཛུགས་རྟེན་གཞི་དང་། “ཁྲི་ཅན་བཞིའི”གསོ་སྤེལ་རྟེན་གཞི་ནི། ནོར་ནག་དང་། བོད་ལུག མཛོ་མོ། གསོ་ཕག་བཅས་ཁྲི་རེ་ཡོད་པའི་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི་ལ་ཟེར། 8.“四个万亩”“四个万头”特色种植养殖基地:“四个万亩”特色种植基地指万亩青稞、油菜、饲草、果蔬种植基地;“四个万头”养殖基地指万头(只)牦牛、藏羊、犏牛、生猪规模养殖基地。 9.“རྫས་གཉིས་རྟགས་གཅིག”དང“གྲགས་ཁྱད་ལེགས་གསར”ཞིང་ལས་ཐོན་རྫས་ནི།“རྫས་གཉིས་རྟགས་གཅིག”ནི་ལྗང་མདོག་ཟས་རིགས་དངོས་རྫས་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ལ་ཟེར། “གྲགས་ཁྱད་གྲགས་གསར”ཞིང་ལས་ཐོན་རྫས་ནི་དམིགས་བསལ་གྱི་ས་ཁོངས་ནས་ཐོན་པ་དང་། ཐོན་སྐྱེད་གཞི་ཁྱོན་དང་ཚོང་ཟོག་གྲངས་འབོར་ངེས་ཅན་ལྡན་པ། ས་ཁོངས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་དང་ཐུན་མིན་འཚོ་བཅུད་སྤུས་ཚད་ཀྱི་ཁྱད་ཆོས་ལྡན་པ། འདོན་སྤྲོད་བྱེད་ཚད་དང་འཛད་སྤྱོད་ཁྲོམ་ར་བརྟན་པོ་ལྡན་པ། མི་མང་གི་ཤེས་རྟོགས་ཚད་དང་སྙན་གྲགས་མཐོ་བ། ཞིང་ལས་ཞིང་སྡེ་པུའུ་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟེ་གནས་ཀྱིས་ཁས་ལེན་བྱས་ནས་དཔང་ཡིག་སྤྲད་པའི་ཞིང་ལས་ཐོན་རྫས་ལ་ཟེར། 9.“两品一标”和“名特优新”农产品:“两品一标”指绿色食品、有机农产品和农产品地理标志;“名特优新”农产品指产自特定区域,具备一定生产规模和商品量,具有显著地域特征和独特营养品质特色,有稳定的供应量和消费市场,公众认知度和美誉度高,并经农业农村部农产品质量安全中心认定核发证书的农产品。 10.“རྒྱུན་འཁྱོངས་གསུམ”གྱི་ལག་ལེན་བླང་བྱ་ནི།2024ལོའི་ཟླ6པའི་ཚེས18ཉིན་ནས་ཚེས19ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་པ་སྟེ། བཅོས་སྒྱུར་གཏིང་ཟབ་དང་སྒོ་འབྱེད་རྒྱ་བསྐྱེད་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་དམིག་བགར་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་མཉམ་དུ་ཕྱུག་སྒྱུར་རྒྱུན་འཁྱོངས་བྱེད་པ་བཅས་ལ་ཟེར། 10.“三个坚持”实践要求:2024年6月18至19日,习近平总书记在青海考察时强调,坚持深化改革、扩大开放,坚持生态优先、绿色发展,坚持民族团结、共同富裕。 11.“བྲི་བྱ་ལྔ”ནི། 2025ལོའི་ཟླ11པའི་ཚེས13ཉིན་ནས་ཚེས14ཉིན་བར། ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་རྨ་ལྷོ་རུ་བརྟག་ཞིབ་བྱེད་སྐབས་ནན་གྱིས་བསྟན་པ་སྟེ། སྣོད་བཅུད་མཛའ་མཐུན་དང་། ཐོན་ལས་རིགས་སྒྱུར། རིག་སྐོར་མཉམ་འདྲེས། བཅོས་སྐྱོང་ནུས་སྤེལ། བདེ་འཇགས་བརྟན་ལྷིང་བཅས་ཀྱི་བྲི་བར་བྱ་བ་ལྔ་གཅིག་འདོམས་སྒོས་ལེགས་པོར་སྒྲུབ་པ་ལ་ཟེར། 11.“五篇文章”:2025年11月13日至14日,吴晓军书记在黄南调研时强调,统筹做好生态友好、产业转型、文旅融合、治理增效、平安稳定五篇文章。 12.“སྤུས་འདེགས་ནུས་སྤེལ”ལྔ་ནི། 2025ལོའི་ཟླ4པའི་ཚེས1ཉིན། ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་ཧྲེང་ཀྲང་ལུའོ་ཏུང་ཁྲུན་གཉིས་ཀྱིས་བརྟག་ཞིབ་བཞུགས་མོལ་བྱེད་སྐབས་ནན་གྱིས་བསྟན་པ་སྟེ། རྨ་ལྷོས་སྐྱེ་ཁམས་སྲུང་སྐྱོབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་། དམངས་ཚིས་འགན་སྲུང་དང་ལེགས་བཅོས། ཕྱོགས་ཡོངས་ནས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་སྤུས་འདེགས་ནུས་སྤེལ་བྱེད་པ་ལ་ཟེར། 12.“五个提质增效”:2025年4月1日,吴晓军书记和罗东川省长在黄南调研座谈时强调,黄南要在生态保护、高质量发展、维护和谐稳定、保障和改善民生、全面加强党的建设上提质增效。 13.དངུལ་རྩའི“བྲི་བྱ་ཆེན་པོ་ལྔ”ནི། ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་འཛིན་དངུལ་རྩ་བཅས་གཙོ་གནད་ཁྱབ་ཁོངས་ཆེན་པོ་ལྔ་ལ་ཟེར། 13.金融“五篇大文章”:科技金融、绿色金融、普惠金融、养老金融、数字金融五大重点领域。 14.“གསར་གཉིས”ནི། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ལ་ཟེར། 14.“两新”:大规模设备更新和消费品以旧换新。 15.“ཞིང་ལུས་རིག་ཚོང་གསོ”ནི། ཞིང་ལས་དང་། ལུས་རྩལ་། རིག་གནས། ཡུལ་སྐོར། ཚོང་ལས། ཁམས་གསོ་བཅས་ཐོན་ལས་ཆེན་པོ་དྲུག་བསྡུ་སྒྲིལ་ཟབ་མོདང་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་རྣམ་པ་སྟེ། “ཐོན་སྐྱེད—འཚོ་བ—སྐྱེ་ཁམས”མཉམ་འདྲེས་ཀྱི་ཐོན་ལས་སྐྱེ་ཁམས་སྦྲེལ་ཐག་གྲུབ་པ་ལ་ཟེར། 15.“农体文旅商养”:农业、体育、文化、旅游、商业、康养六大产业的深度整合与协同发展模式,形成“生产—生活—生态”融合的产业生态链。 16.རྫོང་ཁོངས་ཚོང་ལས“བརྒྱ་ཟུང”ཁེ་སྐྱོར་དམངས་བདེ་སྤུས་ལེགས་མཐོར་འདེགས་འགུལ་སྐྱོད་ནི། ཚོང་ལས་དྲ་ཚུགས་ཁྱབ་སྟངས་ལེགས་བཅོས་བྱེད་པ་དེ་གཞི་འཛིན་སར་བྱས་ཏེ། སྤུས་ལེགས་ཚོང་ལས་དྲ་ཚུགས་བརྒྱ་བསྐྲུན་པ་དང་། སྤུས་ལེགས་དམངས་བདེ་ཚོང་ཁང་བརྒྱ་མཐོར་འདེགས་བསྒྱུར་བཀོད་བྱས་ནས། རྫོང་ཁོངས་དང་རོང་འབྲོག་ཁུལ་གྱི་འཛད་སྤྱོད་ཚོང་ཟོག་རིགས་དང་ཞབས་ཞུའི་འདོན་སྤྲོད་སྔར་ལས་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྫོང་ཁོངས་ཀྱི་ཚོང་དོན་སྣེ་ཁྲིད་ཁེ་ལས་དག་འདོན་སྤྲོད་སྤྲེལ་ཐག་ལ་ཞུགས་པ་དང་ཞབས་ཞུའི་སྤྲེལ་ཐག་རིང་སྲིང་བྱེད་པར་སྐུལ་འདེད་གཏོང་བ། སྔར་ལས་ལེགས་པའི་སྒོ་ནས་མང་ཚོགས་ཀྱི་སྣ་མང་ཅན་དང་སྤུས་ཚད་ཅན་གྱི་འཛད་སྤྱོད་དགོས་མཁོ་སྐོང་བ། རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་སྔར་ལས་མང་པོའི་མང་ཚོགས་ལ་ཕན་ཐོགས་པར་བྱེད་པ་ལ་ཟེར། 16.县域商业“双百”助企便民精品提升行动:以优化商业网点布局为抓手,打造百家精品商业网点,改造提升百家精品便民店,进一步丰富县域及农牧区消费商品品类与服务供给,推动县域商贸龙头企业下沉供应链、延伸服务链,更好满足群众多元化、品质化消费需求,让县域商业体系建设成果惠及更多群众。 17.“ཆེད་ཞིབ་ཁྱད་གསར”ནི། ཆེད་ལས་ཅན་དང་། ཞིབ་ཚགས་ཅན། ཁྱད་ཆོས་ཅན། གསར་གཏོད་ཅན་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཁེ་ལས་འབྲིང་ཆུང་ལ་ཟེར། 17.“专精特新”:具备专业化、精细化、特色化和创新型特征的中小企业。 18.གློ་ཁུག་སྤྱི་གླིང་ནི།དེ་ལ་སྟབས་བདེ་སྤྱི་གླིང་ཡང་ཟེར། མི་མང་ལ་སྒོ་འབྱེད་པའི་སྤྱི་པའི་སྤང་ཐང་ཆུང་གྲས་ཡིན་ལ། རྒྱ་ཁྱོན་ནི་སྤྱིར་བཏང་དུ་སྨི་གྲུ་བཞི400ནས10000བར་ཡིན། དེའི་ནང་དུ་ཡུལ་སྐོར་གླིང་ཆུང་དང་སྤང་ཐང་ཆུང་གྲས་སོགས་ཚུད་ཡོད། 18.口袋公园:又称袖珍公园,是面向公众开放的微型公共绿地,面积一般在400至10000平方米之间,包含小游园、小微绿地等类型。 19.བྱིས་པ་དང་ན་གཞོན་གྱི“བདེ་ཐང་ལྔ”སྐུལ་འདེད་གཏོང་བའི་འགུལ་སྐྱོད་འཆར་གཞི་ནི། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ལས་ཁུངས13གྱིས་ལག་བསྟར་བྱས་པ་དང་། བྱིས་པ་དང་ན་གཞོན་གྱི་རྒྱུན་མཐོང་ནད་རིགས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱིས་པ་དང་ན་གཞོན་གྱི་བདེ་ཐང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ཀྱི་འཆར་གཞི་ལ་ཟེར། གཙོ་བོ་ལུས་པོའི་ལྗིད་ཚད་དང་། མིག་ཤེད། སེམས་ཁམས། རུས་པ། ཁ་ནང་སོགས་ཕྱོགས་ལྔ་ལ་དམིགས་ནས་བྱིས་པ་དང་ན་གཞོན་གྱི་བདེ་ཐང་སྐུལ་འདེད་བྱ་བ་བསྒྲུབ་པ་ཡིན། 19.儿童青少年“五健”促进行动计划:国家卫健委等13部门实施的一项旨在加大儿童青少年常见病防治、全面提升儿童青少年健康水平的行动计划,主要围绕体重、视力、心理、骨骼、口腔等5个方面开展儿童青少年健康促进工作。 20.སློབ་གསོའི་དངུལ་གཏོང“སྣོན་པ་ལས་མི་འཕྲི་བ་གཉིས”ནི། སྤྱིར་བཏང་སྤྱི་པའི་སྔོན་རྩིས་སློབ་གསོའི་གཏོང་སྒོ་དེ་ལོ་རེ་བཞིན་སྣོན་པ་ལས་མི་འཕྲི་བར་ཁག་ཐེག་བྱེད་པ་དང་། སློབ་གྲྭའི་སློབ་མའི་མི་གྲངས་ཀྱི་ཆ་སྙོམས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་སློབ་གསོའི་གཏོང་སྒོ་དེ་ལོ་རེ་བཞིན་སྣོན་པ་ལས་མི་འཕྲི་བར་ཁག་ཐེག་བྱེད་པ་གཉིས་ལ་ཟེར། 20.教育投入“两个只增不减”:确保一般公共预算教育支出逐年只增不减,确保按在校学生人数平均的一般公共预算教育支出逐年只增不减。 21.འགོག་བཅོས་ཁམས་གསོ་དོ་དམ་གྱི་སྦྲེལ་ཐག་ཧྲིལ་པོའི་ཞབས་ཞུ་ནི། མི་དམངས་ཡོངས་ཀྱིས་དགོས་མཁོ་ལྡན་པ་དང་། སྤུས་ཚད་ལྡན་པ། ཁུར་ལེན་ཐུབ་པ། རྒྱུན་མཐུད་རང་བཞིན་བཅས་ཀྱི་སྔོན་འགོག་དང་། སྨན་བཅོས། ཁམས་གསོ། བདེ་ཐང་དོ་དམ་དང་སྐུལ་སྤེལ་བཅས་ཀྱི་ཞབས་ཞུ་ལོངས་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། བཅོས་འགོག་མཐུན་སྦྱོར་དང་བཅོས་འགོག་མཉམ་འདྲེས། སྤྱི་ཚོགས་མཉམ་བཅོས་བཅས་ལ་ཤུགས་སྣོན་པ། “སྨན་ཁང་མ་བསྡད་སྔོན་གྱི་བདེ་ཐང་དོ་དམ་དང་། སྨན་ཁང་བསྡད་པའི་སྐབས་ཀྱི་བརྟག་དཔྱད་སྨན་བཅོས། སྨན་ཁང་ནས་བུད་རྗེས་ཀྱི་བདེ་སྲུང་ཁམས་གསོ”ཡི་བརྒྱུད་རིམ་ཧྲིལ་པོའི་བདེ་ཐང་ཞབས་ཞུའི་རྣམ་པ་འཛུགས་པ་ལ་ཟེར། 21.防治康管全链条服务:推进全体人民享有所需要的、有质量的、可负担的、连续性的预防、治疗、康复、健康管理与促进服务,强化医防协同、医防融合和社会共治,构建“院前健康管理、院中诊断治疗、院后保健康复”的全过程健康服务模式。 22.“འགན་སྲུང་གསུམ”ནི། གཞི་རྩའི་དམངས་ཚིས་འགན་སྲུང་དང་། གླ་ཕོགས་འགན་སྲུང་། འཁོར་སྐྱོད་འགན་སྲུང་བཅས་ལ་ཟེར། 22.“三保”:保基本民生、保工资、保运转。 
来源 / 州政府办公室
责编 / 祁存盛 监制 / 梁晓园 设计编辑/扎西南杰 
黄南政务 扫描二维码关注我们

2025ལོའི《སྲིད་གཞུང་བྱ་བའི་སྙན་ཞུའི》མིང་ཚིག་འགྲེལ་བཤད།
《政府工作报告》名词解释


本文来自网友投稿或网络内容,如有侵犯您的权益请联系我们删除,联系邮箱:wyl860211@qq.com 。